རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་།

Central For Middle Way Initiative

中间道路倡议中心

གསལ་བསྒྲགས།

༄༅། །བཀུར་འོས་ཆོལ་ཁ་ཆོས་བརྒྱུད་རིས་སུ་མ་ཆད་པའི་བོད་རིགས་སྤུན་ཟླ་ལྷན་རྒྱས་མཆོག་ལ། རྒྱ་ནག་དམར་པོའི་གཞུང་གིས་བོད་མི་རིགས་ལ་བཙན་འཛུལ་དང་གཉའ་གནོན་སོགས་རྩུབ་སྤྱོད་ཅན་གྱི་བྱེད་ཐབས་འདྲ་མིན་སྣ་ཚོགས་བྱས་ཏེ། བོད་ས་ཡོངས་རྫོགས་ཧམ་སེམས་ཀྱིས་བཙན་བཟུང་བྱས་པར་བརྟེན། བོད་མི་རིགས་ཀྱི་ཁོག་པའི་སྙིང་དང་དཔྲལ་བའི་མིག་སྟེ། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གཙོས་བོད་མི་མང་དག་ཅིག་རང་ཡུལ་དང་ཁ་གྱེས་ཏེ་བཙན་བྱོལ་དུ་གྱར་དགོས་པའི་ཛ་དྲག་གནས་སྐབས་འདིར་ཁྲི་ཟུར་སློབ་དཔོན་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་ ༧གོང་ས་༧སྐྱབས་མགོན་ཐམས་ཅད་མཁྱེན་པའི་བཀའ་དགོངས་ལམ་སྟོན་འོག་ཤར་སྐྱོད་ཀྱིས་བོད་ཀྱི་ཆོས་སྲིད་གཉིས་ཐད་ནས་གདུང་འདེགས་ཀྱི་ཀ་བ་ལྟ་བུའི་ཕྱག་ལས་སྣ་མང་བསྒྲུབས་ཏེ། ད་ལོ་དགུང་གྲངས་ ༨༢ ལ་ཕེབས་པར་མགོན་པོ་གང་ཉིད་ལ་བཀྲིན་རྗེས་དྲན་སླད། ཕྱི་ལོ་ ༢༠༢༡ ཟླ་ ༡༡ ཚེས་ ༠༥ ཉིན་སྔ་དྲོའི་ཚོུད་༨ པའི་ཐོག་བཞུགས་སྒར་ཡོངས་གླིང་སློབ་གྲྭར་ལྷ་གསོལ་གྱི་མཚོན་འཁྲུངས་སྐར་སྲུང་བརྩིའི་མཛད་སྒོ་ཟབ་རྒྱས་ཞུ་རྒྱུ་ལགས་ན། རྒྱ་ཆེའི་སེར་སྐྱ་མི་མང་གང་མང་དུས་ཐོག་ཏུ་ངེས་ཕེབས་ཡོང་བ་ཞུ། སློབ་དཔོན་ཟམ་གདོང་རིན་པོ་ཆེའི་འཁྲུངས་སྐར་གོ་སྒྲིག་ཚོགས་ཆུང་ནས། སྤྱི་ལོ་ ༢༠༢༡ ཟླ་ ༡༡ ཚེས་ ༢ ཉིན།

Leave a Reply

Your email address will not be published. Required fields are marked *